པེ་ཅིང་ནས་ཤིན་ཧྭ་གསར་འགྱུར་གྱི་ཕྱི་ལོ་༢༠༠༨ཟླ་ ༡༢ཚེས་༡༢ཉིན་དྲ་རྒྱའི་སྟེང་སྤེལ་པའི་ཡེ་རྡོར་མིང་ཅན་གྱིས་འཁྱོག་བཤད་ལ་གསལ་ བཤད།

དང་པོ། ཡེ་རྡོར་གྱི་རང་གཤིས་དང་འཆལ་གཏམ་གྱི་ས་བོན།

ཉེ་ བའི་ཟླ་ཤས་གོང་ཡེ་རྡོར་མིང་ཅན་གྱིས་རྫུན་འུར་བསྒྲགས་པའི་རྩོམ་ཡིག་གི་ཁ་བྱང་ ལ་བྱབྱཏཱ་ལའི་རུ་ཚོགས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་ཀྱི་ ངོ་བོར་ལྟ་བ་བྱབྱཞེས་པའི་རྩོམ་ཡིག་ལ་སྔོན་གླེང་དང་འབྲེལ་ཏཱ་ལའི་བླ་མས་སྲིད་ དབང་སྒེར་གཅོད་གནང་གི་ཡོད་པའི་ཁུངས་སྐྱེལ་འཁྱོག་བརྗོད་དོན་ཚན་ལྔར་དབྱེ་སྟེ་ བརྗོད་ཡོད། འཁྱོག་བརྗོད་དོན་ཚན་ལྔ་ལས། དང་པོ། “ ཏཱ་ལའི་སྲིད་དབང་སྒེར་གཅོད་ཀྱི་ཁྲིམས་གཞི་ནུས་ཤུགས་གང་ཡོད་ཀྱིས་ བཟོས་པ། ” གཉིས་ པ། “ ལྷ་དབང་དང་ཁྱིམ་རྒྱུད་ དབང་བསྒྱུར་གྱི་རྣམ་པ་གཏིང་ཟབ་ལྡན་པ། ” གསུམ་པ། “ རང་ཉིད་ཀྱི་བསམ་འཆར་དང་མི་མཐུན་པར་ཆབ་སྲིད་དང་ཆོས་ལུགས་ཐད་ནས་གནོད་ འཚེ་གཏོང་བ། ” བཞི་ བ། “ ལས་ཀ་ཐམས་ཅད་ནི་ཏཱ་ལའི་ བླ་མ་ངོ་དགའ་བྱེད་ཆེད་ཁོ་ན་ཡིན། ” ལྔ་པ། “ འཛམ་ གླིང་གིས་ཏཱ་ལའི་སྲིད་དབང་སྒེར་འཛིན་གྱི་དབང་སྒྱུར་གྱི་གདོང་རིས་ངོ་མ་རིམ་ པས་གསལ་རྟོགས་ཐུབ་པ ”ཟེར་བ་བཅས་རེད། དེ་ དག་ལ་རིམ་པར་ལྟ་ཀློག་བྱེད་སྐབས་ྋགོང་ས་མཆོག་ལ་མཚན་སྨད་བྱས་པའི་ནང་དོན་དང༌། ད་ལྟའི་མང་གཙོའི་ལམ་ནས་གཏན་འབེབས་ཟིན་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། སྒྲིག་གཞི་ཁག་གི་དགོངས་དོན་ལ་གོ་བ་ལོག་སྒྲུབ་ཤ་སྟག་བྱས་ཏེ་འཛམ་གླིང་མི་མང་ དང༌། བོད་རྒྱའི་མི་མང་རྨོངས་ཐབས་ཀྱི་འཆལ་གཏམ་ཤ་སྟག་བྲིས་འདུག ཡེ་ རྡོར་མིང་ཅན་གྱིས་ཁུངས་ལུང་མེད་པའི “ རྫུན་བསྒྲགས ”འདི་ རིགས་སྔོན་མར་ཡང་སྤེལ་མྱོང་ཡོད་ཀྱང༌། འཇིག་རྟེན་ཁ་དཔེར། སྐྱག་པར་ལག་པས་འཆིང་ན། །སྐྱག་དྲི་རང་ལ་ཁ་བའི་དཔེ་ལྟར་ཁོས་རྫུན་བསྒྲགས་ལ་ཡ་ལན་བྱེད་མཁན་བྱུང་མེད། རྒྱུ་མཚན་ནི། ནམ་ཞིག་ཡེ་རྡོར་མིང་ཅན་གྱིས་རང་གནས་ཁྲོན་པ་ཡིན་པ་ངོས་ཟིན་ཏེ་བསམ་ཤེས་མི་ ཡོང་སྙམ་ནས་སྣང་མེད་དུ་བཞག་པ་དེ་རེད། ཁོས་སྐྱག་རྫུན་ ཆད་མེད་དུ་བརྗོད་དུས། ཡེ་རྡོར་མིང་ཅན་བཙན་ཤེད་གྱི་དྲི་མས་སྦགས་པའི་“ དམངས་གཙོའི་བཅོས་སྒྱུར ”་གྱི་རྫབ་ དོང་དུ་ཚུད་ཡོད་པ་ད་དུང་ཡང་རྟོགས་ཀྱི་མེད་པ་འདྲ། ཁོས་སྨད་ས་འཛམ་གླིང་ཞི་བདེའི་ཉི་མ་སྟེ་ྋགོང་ས་མཆོག་རེད་ལ། མགོ་སྐོར་གཏོང་ས་རྒྱལ་སྤྱི་དང་ཞི་བདེར་སྙེགས་པའི་བོད་རྒྱའི་མི་རིགས་ཚུད་ པའི་འཛམ་གླིང་མི་མང་ཡིན་པས་དེ་དག་ལྐུགས་པ་མ་རེད། འཛམ་གླིང་ཆབ་སྲིད་ཀྱི་ལྟ་བ་རེ་ལ་ལམ་ལུགས་རེ་ཡོད་པས་ཚང་མ་ཡེ་རྡོར་མིང་ཅན་ གྱི་ལྟ་གྲུབ་ལམ་ལུགས་དང་མཐུན་པའི་སྲོལ་མེད་སྟབས། ཡེ་རྡོར་མིང་ཅན་གྱིས་གང་བཤད་ཨ་ཆད་འུ་ཐུག་གི་འཆལ་གཏམ་ཡིན་པ་དང་རང་འཚང་དམར་ རྗེན་དུ་སྟོན་བཞིན་པ་དེ་རེད། སྤྱིར་མི་སུ་འདྲ་ ཞིག་ལ་སྐྱོན་བརྗོད་བྱེད་པར་དམིགས་ཡུལ་ངེས་ཅན་ཞིག་ཡོད་དགོས་པ་དང༌། ཁུངས་འཕེར་ཞིང་གོ་རིམ་ལྡན་པའི་སྒྲུབ་བྱེད་རྣལ་མ་ཞིག་ཅིས་ཀྱང་འཛིན་རྒྱུ་མཁས་ པའི་བཞེད་སྲོལ་ཡིན་ལ། འོན་ ཀྱང༌། ཡེ་རྡོར་མིང་ཅན་གྱིས་ཚུལ་དེ་ལས་ལྡོག་སྟེ་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་ སྒྲིག་འཛུགས་སྐོར་ལ། ཁོའི་དམིགས་ཡུལ་དང་འཚམས་པའི་ལོ་རྒྱུས་དང༌། ལོ་ཚིགས། བྱུང་རིམ་སོགས་དོན་དངོས་ལས་ལྡོག་པའི་འཁྱོག་བཤད་བྱེད་བཞིན་ཡོད་པས་སྐྱེ་བོ་ སུ་ཞིག་གིས་ཚད་མར་འཛིན་མི་ནུས་ཏེ། ཁུངས་འཕེར་བའི་དཔྱད་གཞིའི་རྒྱུ་ཆ་རྐང་གཅིག་ཁོར་སྟོན་རྒྱུ་དང་ལུང་འདྲེན་བྱ་ རྒྱུ་གང་ཡང་མེད། ཁོའི་རྩོམ་ཡིག་གི་ས་བོན་ཡོང་ཁུངས་རྣམས་མདོར་བསྡུས་ན་དོན་ཚན་གསུམ་དུ་དབྱེ་ ཆོག་པ་སྟེ། དང་ པོ། རྒྱ་དམར་སྲིད་གཞུང་གིས་རྒྱལ་སྤྱིའི་ནང་དཔལ་འབྱོར་ཆེད་གཏོང་གིས་ཆབ་སྲིད་ཀྱི་ མདོ་དོན་བསྒྲུབ་ཕྱིར་ྋགོང་ས་མཆོག་ཆིབས་སྒྱུར་བསྐྱངས་སར་ངོ་རྒོལ་བྱེད་དུ་ བཅུག་པ་དང་དེ་འབྲེལ་གྱི་གསར་འགྱུར་གནས་ཚུལ། གཉིས་པ། རྒྱ་དམར་སྲིད་གཞུང་གི་ཆབ་སྲིད་ལག་ཆར་གྱུར་བའི་དོལ་རྒྱལ་ཚོགས་པའི་རྗེས་ འབྲངས་པ་ཚོས་ྋགོང་ས་མཆོག་ལ་མ་རངས་པའི་རྒོལ་གཏམ་དང༌། དེ་འབྲེལ་གྱི་གསར་འགྱུར་གནས་ཚུལ། གསུམ་ པ། ྋགོང་ས་མཆོག་གི་མཛད་འགན་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་དོན་དངོས་དང་མི་མཐུན་པའི་ གོ་བ་ལོག་སྒྲུབ་དང་རྫུན་བཟོ་བྱས་པ་བཅས་ཡིན། ཡེ་ རྡོར་མིང་ཅན་གྱིས་རྒྱ་དམར་སྲིད་གཞུང་གི་ཆབ་སྲིད་ལྟ་བ་སྙིང་བཅངས་ཀྱིས་གོང་ གི་དཔྱད་གཞིའི་དོན་ཚན་གསུམ་གཞིར་བཞག་ཐོག་ྋགོང་ས་མཆོག་ཆེས་ཐ་ཤལ་ཞིག་ཡིན་པར་ སྒྲུབ་ཐབས་བྱས་འདུག་ཀྱང་ཁོ་ཅན་གྱི་འཆལ་གཏམ་ལ་སུ་ཞིག་གིས་ཡིད་ཆེས་བྱེད་ངེས། ཡེ་རྡོར་ཅན་སོགས་དམྱལ་ཁམས་བདེ་བར་རློམ་པའི་རིགས་ཤིག་མ་གཏོགས། རང་ ཉིད་གཙོས་འཛམ་གླིང་མི་མང་གི་མཐོང་སྣང་ལ་ྋགོང་ས་མཆོག་ནི་གཞན་དོན་འབའ་ཞིག་གི་ སླད་དུ་འཚོ་ཞིང་བཞུགས་པའི་ཞི་བདེའི་དེད་དཔོན་ནམ། འཛམ་གླིང་ཞི་བདེ་ཉི་མ། ཞི་བདེ་འདྲེན་པའི་ཕོ་ཉ། ཞི་བདེའི་ལྷ་བྱ་དཀར་པོ་སོགས་མིང་དོན་མཚུངས་པར་ངོས་འཛིན་པ་ལྟར་མཚན་སྙན་གྱི་ བ་དན་དཀར་པོ་འཛམ་གླིང་ན་གཡོ་བ་བཞིན་པ་ཁོང་ལ། ཡེ་རྡོར་མིང་ཅན་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་པ་ཡིན་པའི་ ཐ་ཚིག་ཇི་ལྟར་བསྒྲགས་ཀྱང་ཡེ་རྡོར་རྒྱལ་བའི་དུས་ཤིག་མེད་པ་ས་རིས་ཐང་གསལ་ཡིན།

གཉིས་པ། གཞི་མེད་ཀྱི་འཆལ་གཏམ་དོན་ཚན་ལྔའི་གསེད་དགྲོལ།

༡ "ཏཱ་ལའི་སྲིད་དབང་སྒེར་གཅོད་ཀྱི་ཁྲིམས་གཞི་ནུས་ཤུགས་གང་ཡོད་ཀྱིས་བཟོས་པ། "

ཡེ་ རྡོར་མིང་ཅན་གྱི་དོན་ཚན་འདིའི་ནང་བརྗོད་པ་ནི། སྤྱི་ལོ་༡༩༦༣ དང༌། ༡༩༩༡། ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐོང་བ་བཅས་ཀྱིས“ ཏཱ་ལའི་བླ་མའི་བླ་ན་མེད་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་ དབང་སྒེར་གཅོད་ཀྱི་ཁྲིམས་གཞི ”བཟོས་ཚུལ་དེ་རེད། ཏཱ་ལའི་བླ་མ་བཙན་བྱོལ་དུ་འབྱོར་མ་ཐག་ནས་ཐུགས་དཀྱེལ་ཡངས་པས་བོད་རྒྱ་ཆེ་མང་ ཚོགས་ལ་མང་གཙོའི་ལམ་སྟོན་གནང་བ་མ་ཟད། སྤྱི་ལོ་༡༩༦༢ ནས་དུས་ད་ལྟའི་བར་མ་ཡིས་བུ་སྐྱོང་བའི་དཔེ་ལྟར་མང་གཙོའི་ལམ་ལ་གསོ་སྐྱོང་གནང་ ཞིང༌། དེའི་འབྲས་བུར་བཙན་བྱོལ་བོད་མིའི་སྲིད་གཞུང་དེ་ཡང་དག་པའི་མང་གཙོའི་ལམ་ལུགས་ གཞི་རྐང་བརྟན་པོར་ཚུགས་ཡོད། དེ་ཡང་སྤྱི་ལོ་༡༩༦༢ ནང་ འགོ་འཛུགས་ཀྱིས་ཆོལ་གསུམ་བོད་མིའི་འཐུས་མི་བསྐོ་བཞག་དང༌། དེ་ནས་རིམ་གྱིས་ཆོས་བརྒྱུད་ཁག་དང་བཅས་ནས་མི་མང་གིས་འོས་བསྡུ་བྱས་ཏེ་སྤྱི་ འཐུས་བསྐོ་བཞག་བྱས་ཤིང༌། སྤྱི་འཐུས་ལྷན་ཚོགས་ཀྱི་འགན་འཁུར་ཇེ་ཆེར་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། མ་འོངས་དང་གནས་སྐབས་ཀྱི་བོད་མིའི་བསམ་སྤྱོད་དགོས་མཁོ་དང་འཚམ་པའི་གཞི་རྩའི་ ལམ་སྟོན་དུ་ཆབ་སྲིད་ཀྱི་རང་བཞིན་དང༌། བོད་མིའི་གཞི་རྩའི་ཐོབ་ཐང་དང་ལས་འགན། གཞུང་གི་རྩ་བའི་བྱེད་སྒོའི་ལམ་སྟོན། བོད་ཀྱི་མང་གཙོའི་ཀ་བ་གསུམ་སྟེ། གཞུང་གི་འགན་འཛིན་ནམ་བཀའ་ཤག ཁྲིམས་བཟོའི་དབང་འཛིན་ནམ་སྤྱི་འཐུས་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་ནམ་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་དང༌། རང་དབང་ལྡན་པའི་འགན་འཛིན་ལས་དོན་གསུམ་སྟེ། འོས་བསྡུའི་ལས་དོན་དང༌། གཞུང་ཞབས་འདེམས་བསྐོའི་ལས་དོན། རྩིས་ཞིབ་ལས་དོན་བཅས་དང༌། དེ་བཞིན་བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས་སོགས་ཀྱི་སྐོར་ལ་བཙན་ བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཅུ་གཅིག་ཅན་ལ་ནང་གསེས་དོན་ཚན་བརྒྱ་དང་བཅོ་ ལྔ་ཡོད་པ་ཞིག་ཕྱི་ལོ་༡༩༩༡ཟླ་༦ཚེས་༡༤ ཉིན་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་ཁྲིམས་བཟོའི་འགན་དབང་བཞེས་ཏེ་གཏན་ འབེབས་གནང་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེའི་འོག་ལྷན་ཁང་ཁག་གི་སྒྲིག་གཞི་ཇི་སྙེད་ཅིག་ གཏན་ལ་ཕབ་སྟེ་ལག་བསྟར་གནང་མུས་དང༌། བཙན་བྱོལ་བོད་མིའི་མཛད་གཙོ་རྣམ་པ་སྟེ། སྲིད་འཛིན་དང༌། འཛིན་སྐྱོང་སྲིད་བློན་ཏེ་བཀའ་བློན་ཁྲི་བ། ཁྲིམས་འཛིན་ཏེ་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས། ཁྲིམས་བཟོ་སྟེ་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་བཅས་ཀྱང་བཅའ་ཁྲིམས་དེའི་འོག་ བསྐོ་བཞག་བྱས་ཡོད་ལ། བོད་རིགས་སུ་ཞིག་བཙན་བྱོལ་བོད་མིའི་མཛད་གཙོ་རྣམ་པར་བསྐོ་བཞག་དང་ཆབ་སྲིད་ ཀྱི་ལམ་ལུགས་གང་དུ་བསྐྱོད་མིན་གཞི་རིམ་མང་ཚོགས་ཀྱི་འདོད་མོས་དང་འོས་བསྡུའི་ གྲུབ་འབྲས་ལ་ཐུག་ཡོད། ྋགོང་ས་མཆོག་གིས་ གཙོས་མཛད་གཙོ་རྣམ་པ་ཡང་མང་གཙོའི་བརྒྱུད་ལམ་དེ་ཁོ་ནར་བརྟེན་ནས་མཛད་འགན་བཞེས་ ཀྱི་ཡོད་ན། ཡེ་རྡོར་མིང་ཅན་གྱིས་བཤད་པ་ལྟར་ཏཱ་ལའི་བླ་མས་“ སྲིད་ དབང་སྒེར་གཅོད ”དང“ སྲིད་དབང་སྒེར་གཅོད་ཀྱི་ ཁྲིམས་གཞི་བཟོས་པ ”ཞེས་བརྗོད་པའི་ཧམ་བཤད་དེ་རིགས་ནི་ཁུངས་མེད་ ཀྱི་འཆལ་གཏམ་འབའ་ཞིག་ཡིན། དེ་བས་ཀྱང་ཡ་མཚན་པ་ཞིག་ལ། ཡེ་རྡོར་མིང་ཅན་གྱིས་“ ཏཱ་ལའི་རུ་ཚོགས་ཀྱི་གྲོས་ཚོགས་རྫུན་མ ”ཞེས་ པ་དེ་རེད། ཏཱ་ལའི་རུ་ཚོགས་ཀྱི་གྲོས་ཚོགས་རྫུན་མ་ཡིན་ན། ཡེ་རྡོར་མིང་ཅན་གྱིས་ཡར་ཐོན་ཅན་གྱི་མང་གཙོའི་རྒྱལ་ཁབ་ཁག་གི་མང་གཙོ་ལམ་ལུགས་ དང་བརྒྱུད་རིམ་ཡོངས་སུ་རྫོགས་པ་རྫུན་མ་ཡིན་པར་ཁས་ལེན་དགོས་པས། ཡེ་རྡོར་མིང་ཅན་གྱིས་ཁས་ལེན་བྱེད་ཨེ་ཐུབ། མི་ཐུབ་ན་རང་གི་རྫུན་རྐུབ་རང་གིས་བརྡོལ་བ་མ་ཡིན་ནམ། རྒྱུ་ མཚན་ནི་བཙན་བྱོལ་བོད་མི་སོ་སོས་རང་གི་མངོན་འདོད་ལྟར་སྔོན་འགྲོ་དང་དངོས་ གཞིའི་འོས་བསྡུའི་བརྒྱུད་རིམ་ཐོག་གྲོས་ཚོགས་ཀྱི་འཐུས་མི་གཏན་འབེབས་བྱས་པ་ དང༌། གྲོས་ཚོགས་དེས་ཡར་ཐོན་ཅན་གྱི་མང་གཙོའི་རྒྱལ་ཁབ་ཁག་གི་འགྲོ་ལུགས་ལྟར་མི་ རིགས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། ཤེས་ཡོན་ལ་སོགས་པའི་སྲིད་ཇུས་གཏན་འབེབས་གནང་གི་ཡོད་པས་ཡིན། གཞན་ཡང་ཡེ་རྡོར་མིང་ཅན་ གྱིས་སྤྱི་ལོ་༢༠༠༨ ཟླ་༡༡ ནང་གི་“ དམིགས་ བསལ་ཚོགས་ཆེན ”དང་འབྲེལ་ནས་བཤད་རྒྱུར་“ ཏཱ་ལས་ མུ་མཐུད་དབང་ཆ་ཆེན་པོ་སྒེར་འཛིན་བྱ་རྒྱུའི་སླད་དམིགས་བསལ་ཚོགས་ཆེན་སྐོང་བ་ རེད ”ཞེས་འཁྱོག་བཤད་བྱས་ཡོད། དོན་དངོས་ཐོག་དམིགས་བསལ་ཚོགས་ཆེན་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ལྔ་དགུ་བའི་ནང༌། “ ཛ་ དྲག་དང༌། གལ་ཆེའི་ལས་དོན་ཐོག་རྒྱ་ཆེའི་མང་ཚོགས་ཀྱི་བསམ་གྲོས་བསྡུར་དགོས་ཀྱི་གནས་ཚུལ་ བྱུང་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་ཁྱབ་བསྩལ་བའམ། ཡང་ན། བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་བཅས་ཀྱི་གྲོས་བསྡུར་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙན་ སེང་བཀའ་འཁྲོལ་བྱུང་བསྟུན་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་འཐུས ”ཞེས་ གསལ་བའི་ཆ་རྐྱེན་འོག སྐབས་བཅུ་བཞི་བའི་སྤྱི་འཐུས་གྲོས་ཚོགས་ཚོགས་ཐེངས་དྲུག་པའི་སྟེང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས < < བར་ལམ་བོད་ནང་ཛ་དྲག་གི་ བྱུང་རྐྱེན་དང༌། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ ཞིབ་ལྷོད་གནང་ཆེད་དམིགས་བསལ་ཚོགས་ཆེན > > དགོས་པའི་བཀའ་ སློབ་སྤྱི་ཕེབས་ལ། གྲོས་ཚོགས་ནས་སྤྱི་མོས་ཐོག་ཚོགས་གཏན་འཁེལ་གནང་ཞིང༌། དེའི་འགན་འཁུར་བཀའ་སྤྱི་གཉིས་ལས་གྲུབ་པའི་ཚོགས་ཆུང་གི་གོ་སྒྲིག་འོག བོད་མི་འདུས་སྡོད་ཡོངས་ཀྱི་འཐུས་མི་༥༦༠ ཐོབ་ཐང་འདྲ་མཉམ་གྱིས་ཚོགས་ཞུགས་གནང་ཡོད། ཚོགས་ ཆེན་སྟེང་གཏན་འབེབས་དོན་ཚན་ཆེ་ཕྲ་གང་ཡང་སྤྱི་མོས་དང་མང་མོས་ཀྱིས་ཐག་གཅོད་ གནང་བ་ཤ་སྟག་ཡིན་ན། ཡེ་རྡོར་མིང་ཅན་གྱིས་ཏཱ་ལའི་བླ་མས་ཚོགས་ཆེན་སྐོང་ནས་རང་གི་སྲིད་དབང་སྲ་ བརྟན་དང་ཁྲིམས་གཞི་བཟོས་ཚུལ་བཤད་པའི་གནས་ལུགས་དང་གཏན་ནས་མཚུངས་ཐུབ་མེད། ད་དུང་ཁོས“ ཏཱ་ལའི་རུ་ཚོགས་ཀྱི་ནང་ཁུལ་གྱི་འགལ་བ་ཇེ་ སྡུག་ཏུ་ཕྱིན་པའི་གནས་ཚུལ་འོག་བོད་ཀྱི་མདུན་ལམ་ཐད་ཀྱི་དམིགས་བསལ་ཚོགས་ཆེན་ སྐོང་བ་རེད ”ཟེར། ང་ཚོའི་དམིགས་བསལ་ཚོགས་ཆེན་ནི། གཞིས་ལུས་བོད་མིས་རང་དབང་དང་ཐོབ་ཐང་གི་སླད་དུ་ཞི་བའི་འབོད་སྐད་བསྒྲགས་པ་ལ། རྒྱ་ནག་སྲིད་གཞུང་གིས་ཆེས་གདུག་རྩུབ་ཅན་གྱི་ཇུས་བྱུས་ལག་བསྟར་བྱས་ཏེ་བོད་ མི་མང་པོ་དམར་གསོད་དང༌། གཅར་རྡུང༌། བཙོན་འཇུག་སོགས་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པའི་བོད་ནང་གི་ཆེས་ཛ་དྲག་ གི་གནས་སྟངས་དེ་དང༌། བོད་མིའི་རྩ་དོན་ལ་དམིགས་ནས་ཚོགས་དགོས་བྱུང་བ་ལས། ཡེ་རྡོར་མིང་ཅན་གྱིས་བཤད་འདོད་པ་ལྟར་ཚོགས་པ་ཞིག་ག་ལ་ཡིན།

༢ “ ལྷ་དབང་དང་ཁྱིམ་རྒྱུད་དབང་ བསྒྱུར་གྱི་རྣམ་པ་གཏིང་ཟབ་ལྡན་པ། ”

ཡེ་རྡོར་མིང་ཅན་གྱིས་ བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་དང༌། བཀའ་བློན་ཐུབ་བསྟན་ལུང་རིགས་རྣམ་གཉིས་ཝ་ན་ཆེས་མཐོའི་གཙུག་ལག་མཐོ་རིམ་སློབ་ གཉེར་ཁང་ནས་གསོ་སྐྱོང་བྱས་པ་དང༌། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་སྤྲུལ་སྐུ་ཡིན་པ། དེ་བཞིན་གྲོས་ཚོགས་ནང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་བཅུ་ཡོད་དགོས་པ། “ཏཱ་ལའི་བླ་མའི་ཉེ་འཁོར་གྱི་དབང་ཆ་བཟུང་ བ་དེ་འདྲའི་མང་གཙོ་ལྟད་མོ་ཆེན་པོ་ཞིག་རེད”ཅེས་ཟུར་ཟ་བྱས་པ་མ་ ཟད། གནས་བབ་དེ་ལ“ལྷས་དབང་བསྒྱུར་གྱི་རྣམ་པ་གཏིང་ཟབ་ལྡན་ཡོད”ཅེས་ ཁུངས་ལུང་མེད་པའི་འཆལ་གཏམ་བསྒྲགས་ཡོད། དེའི་ ཐད་འཛམ་གླིང་སྤྱི་སྲོལ་ལ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བརྒྱུད་སློབ་སྦྱོང་དང་ ཤེས་ཡོན་སྤྲོད་བཞིན་པ་དེ་ནི་དམིགས་ཡུལ་དང་འགན་འཁུར་ངེས་ཅན་ཞིག་གི་ཆེད་ཡིན་ པ་ལྟར། ྋགོང་ས་མཆོག་གི་སྐུ་དྲིན་དང་རྒྱ་གར་གཞུང་གི་རྒྱབ་སྐྱོར་ཡོད་པའི་སློབ་གཉེར་ ཁང་གང་ཞིག་ཡིན་རུང༌། མི་རིགས་རིག་གཞུང་དང་བཅས་པ་འཚོ་གནས་ཀྱི་ཆེད་དུ་ཆེད་འཛུགས་བྱས་ཤིང༌། གསོ་སྐྱོང་གནང་བ་གང་ལའང་ཡེ་རྡོར་མིང་ཅན་གྱི་གཡོ་འཁྲུལ་གྱི་སྐྱོན་བརྗོད་དེ་ དག་ག་ལ་འཚམ། བཀའ་ བློན་ཁྲི་བ་ཟམ་གདོང་རིན་པོ་ཆེར་མཚོན་ན། རང་གི་འཇོན་ཐང་དང་ཤེས་ཡོན་གྱིས་ཕྱུག་པ་གང་ཞིག མང་ཚོགས་ཀྱིས་བཀའ་བློན་ཁྲི་བར་ཐད་ཀར་འོས་འདེམས་གནང་བ་དང༌། བཀའ་བློན་བསྟན་ཐུབ་ལུང་རིགས་དང༌། སྐུའི་གཅུང་མོ་རྗེ་བཙུན་པདྨའི་སྐུ་ཟླ་བཀའ་བློན་བསྟན་པ་ཚེ་རིང༌། ཞིང་གཤེགས་སྐུ་ངོ་སྟག་ལྷ་ཕུན་ཚོགས་ལགས་ཀྱི་སྐུ་ཟླ་བཀའ་བློན་སྟག་ལྷ་སྐལ་བཟང་ དབྱངས་སྐྱིད་བཅས་ཀྱང་བཀའ་ཁྲིས་ཕྱག་སྦྲེལ་བཀའ་བློན་དུ་དམིགས་འཛུགས་གནང་བ་ དང༌། གྲོས་ཚོགས་ཀྱི་རྒྱབ་སྐྱོར་འོག་མང་གཙོའི་འགྲོ་ལུགས་ལྟར་བཀའ་བློན་དུ་ཕེབས་པ་ ཞིག་ཡིན་ཞིང༌། ཆོས་ལུགས་སྤྱི་འཐུས་ནི་མང་གཙོའི་ཐོབ་ཐང་འདྲ་མཉམ་ཡིན་པའི་རྒྱུ་མཚན་གྱིས་དེ་ ལྟར་བྱུང་བ་ཡིན། དེས་ན་ཡེ་རྡོར་གྱིས་བཤད་འདོད་པ་ལྟར་ལྷ་དབང་དང་སེར་མོ་བའི་ཆབ་སྲིད་ཀྱི་དབང་ བསྒྱུར་ཡིན་ལུགས་བཤད་པར་ཁུངས་ཤིག་གང་ན་ཡོད། དེ་བཞིན་ྋགོང་ས་མཆོག་གི“ཁྱིམ་རྒྱུད་དབང་སྒྱུར་”གྱི་ རྣམ་པ་ལྡན་ལུགས་བརྗོད་ཐད། བོད་མི་བཙན་བྱོལ་དུ་འབྱོར་བ་ནས་ད་བར་ྋགོང་ས་མཆོག་གི་ཁྱིམ་བརྒྱུད་ཀྱིས་ སྐྱབས་བཅོལ་སྲིད་གཞུང་བཟུང་བ་རེད་ཟེར་ན་དེ་ཡང་ག་ལ་བདེན། བཙན་ བྱོལ་བོད་གཞུང་ནི་མི་རེ་ཟུང་གི་བར་ན་འཁོར་ལོ་ལྟར་འཁོར་གྱི་མེད་པའང་ད་ལྟའི་ སྤྱི་འཐུས་ཚོགས་གཙོ་ལྟ་བུ་འབངས་མི་དཀྱུས་མ་ནས་འབུར་དུ་ཐོན་ཡོད། ཕྱི་ལོ་༡༩༧༠ དང་༡༩༨༠ནང་ཤེས་ཡོན་དང༌། འཇོན་ཐང༌། གནས་དུས་ཀྱི་དགོས་མཁོར་གཞིགས་ཏེ་ཡབ་གཞིས་ཉེ་འཁོར་ནས་གཞུང་དམངས་ཀྱི་ཐུགས་ འགན་བཞེས་པ་རེ་ཟུང་བྱུང་ཡོད་ཀྱང་མང་གཙོའི་འགྲོ་ལུགས་དང་བསྟུན་ཡོད་པ་གང་ཞིག དེ་དག་གིས་བོད་མིའི་སྤྱི་ཚོགས་ལ་གནད་དུ་སྨན་པའི་མཛད་རྗེས་རིམ་པར་བསྒྲུབ་ ཡོད། དཔེར་ མཚོན་ཞིག་བཞག་ན། ཨ་མ་རྗེ་བཙུན་པདྨ་ལྟ་བུ་རེད། ཁོང་ལ་གཞོན་སྐྱེས་བོད་མིས་བོད་གངས་ཅན་ཡོངས་ཀྱི་ཨ་མ་ཞེས་འབོད་སྲོལ་ཡོད་ལ། རྒྱལ་སྤྱིའི་སྟེང་དྭ་ཕྲུག་དང་ཕ་མ་བྲལ་བའི་བུ་ཕྲུག་གསོ་སྐྱོང་གནང་མཁན་ལས་ གཟེངས་སུ་ཐོན་པའི་རྟགས་མའང་རིམ་པར་བཞེས་ཡོད་པ་ལྟ་བུ་རེད། ཚུལ་དེ་དང་ཡེ་རྡོར་ཕྱོགས་གཏོགས་ཀྱི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་དང་ནང་ ཁུལ་ཆབ་སྲིད་ཀྱི་འཐབ་རྩོད་སྐྱུག་བྲོ་བའི་གནས་བབ་དང་བསྡུར་ན། ཡེ་རྡོར་གྱིས་ཧམ་བཤད་རྟས་མི་ཐེག་པ་བཤད་པའི་ཚོད་ཅིག་མ་རེད་ཅེས་གསལ་བཤད་ཞུ་ རྒྱུ་ཡིན།

༣ “རང་ཉིད་ཀྱི་བསམ་འཆར་དང་མི་ མཐུན་པར་ཆབ་སྲིད་དང་ཆོས་ལུགས་ཐད་ནས་གནོད་འཚེ་གཏོང་བ།”

ཡེ་ རྡོར་མིང་ཅན་གྱིས་ཏཱ་ལའི་རུ་ཚོགས་ཀྱིས་ཁོ་པའི་སྲིད་དབང་སྒེར་འཛིན་རྒྱུན་ འཁྱོངས་སླད་ཆབ་སྲིད་དང་ཆོས་ལུགས་ཐད་ཀྱི་བསམ་འཆར་མི་མཐུན་པ་ཡོད་མཁན་ལྐོག་ གསོད་དང་དུག་སྟེར་བ་སོགས་ཐབས་ངན་སྤྱད་ཚུལ་གྱི་ཧམ་བཤད་བྱས་པ་མ་ཟད། གུང་ཐང་ཚུལ་ཁྲིམས་དང་ལི་ཐང་ཨ་ཐར་གཉིས་གཏུམ་སྤྱོད་ངང་བསད་པ་རེད་ཟེར། གཟུར་གནས་རྣམ་པས་གཟིགས་དང༌། ཡེ་རྡོར་མིང་ཅན་གྱིས་ཏཱ་ལའི་རུ་ཚོགས་ཟེར་བ་དེ་ྋགོང་ས་མཆོག་གིས་སྣེ་ཁྲིད་ པའི་བཙན་བྱོལ་བོད་གཞུང་ལ་གོ་བ་ཡིན་པས། དེ་འདྲའི་བསྙོན་འཛུགས་ཀྱི་གནད་དོན་ཞིག་བཙན་བྱོལ་སྤྱི་ཚོགས་ནང་གནས་ཚུལ་གང་ ཡང་མེད་ཅིང༌། འདི་འདྲའི་ནོར་འཁྲུལ་ཅན་གྱི་ངན་ཇུས་ནི་ཡེ་རྡོར་ཕྱོགས་གཏོགས་ཅན་གྱི་སྲིད་ ཇུས་ཡིན་པས་རང་གཤིས་གཞན་ལ་བཀབ་ན་ག་ལ་ཁོབ། གཞན་ཡང་ཡེ་རྡོར་མིང་ཅན་གྱིས་“ ཆོས་ལུགས་ཐད་ནས་གནོད་འཚེ་གཏོང་བ ”ཞེས་ པའི་འཁྱོག་བཤད་ཐད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རླབས་ཆེ་བའི་དགོངས་གཞིའི་སེམས་བསྐྱེད་ གསུམ་ཡོད་དེ། དེ་ ཡང་ཁོང་གིས། “ ངོས་རང་འགྲོ་བ་ མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའིབཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་ལྷག་ བསམ་སེམས་སྐྱེད་དང་པོ་དེ་ཡིན། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་མཐུན་ འབྲེལ་གོང་མཐོར་གཏོང་རྒྱུ་ངའི་སེམས་བསྐྱེད་གཉིས་པ་ཡིན། བོད་ མི་ཞིག་ཡིན་པ་དང༌། ཏཱ་ལའི་བླ་མའི་སྐྱེ་ཕྲེང་དུ་གཏོགས་པ་མ་ཟད། ཁྱད་པར་བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཚོས་ངོས་ལ་ཡིད་ཆེས་བློ་གཏད་ཆེན་པོ་ བྱེད་ཀྱི་ཡོད་པའི་ཆ་ནས་བོད་ཀྱི་རྩ་དོན་ལ་དོ་ཁུར་བྱ་རྒྱུ་ངོས་ཀྱི་ལྷག་བསམ་ སེམས་བསྐྱེད་གསུམ་པ་བཅས་ཡིན ”ཞེས་ གསུངས་ཡོད་པས། འདི་ འདྲའི་རླབས་ཆེན་གྱི་དགོངས་གཞི་ལྟར་ངེས་དོན་གྱི་ཕྱག་ལེན་གནང་མུས་ལ་འཛམ་གླིང་ གཟུར་གནས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་སྒྲོན་བཞིན་པའི་མཛད་རྗེས་དེ་ཚོ་ དམར་ཤོག་གི་མིག་ཤེལ་གྱིས་བསྒྲིབས་པའམ་བསམ་བཞིན་མངོན་སུམ་བསྙོན་འཛུགས་བྱས་པ་ གང་རུང་ལས་མ་འདས། རྒྱ་ གཞུང་གི་ཆབ་སྲིད་ལག་ཆར་གྱུར་བའི་དོལ་རྒྱལ་ཚོགས་པའི་བྱ་སྤྱོད་དང་འབྲེལ་བའི་ གནད་དོན་རིགས་ལ་ཆོས་ལུགས་ཐད་ནས་གནོད་འཚེ་བཏང་ཚུལ་བརྗོད་ན་འགྲིག་ཐབས་གཏན་ནས་ མེད། དེ་ནི་ྋགོང་ས་མཆོག་གིས་བྱབྱཆོས་ལུགས་དང་གྲུབ་མཐའ་བར་གྱི་མཐུན་སྒྲིལ་ལ་གནོད་ སྐྱོན་བྱུང་བ་དང་གཅིག ནང་པ་སངས་རྒྱས་པའི་སྐྱབས་འགྲོའི་བསླབ་བྱར་འགལ་བ་དང་གཉིས། ྋརྒྱལ་དབང་མཆོག་དང༌། ྋགང་གིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་བའི་སྲི་ཞུ་བ་ཞིག་ཡིན་ཕྱིན། དོལ་རྒྱལ་བསྟེན་གསོལ་བྱས་ན་མི་འགྲིག་པ་བཅས་རྒྱུ་མཚན་གསུམ་གྱི་སྒོ་ནས་དམ་ བསྒྲགས་མཛད་པ་ལས། ཆོས་དད་ཀྱི་རང་དབང་འཕྲོག་པ་དང་གནོད་འཚེ་བཏང་བ་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན། ད་དུང་ཡེ་རྡོར་གྱི་དོན་ ཚན་བཞི་བའི་ནང“ ལས་ཀ་ཐམས་ཅད་ ནི་ཏཱ་ལའི་བླ་མ་ངོ་དགའ་བྱེད་ཆེད་ཁོ་ན་ཡིན ”ཞེས་པ་དང༌། དོན་ཚན་ལྔ་པའི་ནང“ འཛམ་གླིང་གིས་ཏཱ་ལའི་སྲིད་དབང་སྒེར་འཛིན་ དབང་སྒྱུར་གྱི་གདོང་རིས་ངོ་མ་རིམ་པས་གསལ་རྟོགས་ཐུབ་པ ”སོགས་ དོན་དངོས་དང་མི་མཐུན་པའི་འཆལ་གཏམ་ཤ་སྟག་སྤེལ་འདུག་ཀྱང༌། གོང་གསལ་གསལ་བཤད་ཁག་གིས་ཡེ་རྡོར་མིང་ཅན་གྱིས་རྫུན་རྐུབ་བརྡོལ་མི་ཐུབ་པ་མེད་ སྟབས་རེ་རེ་བཞིན་ལན་འདེབས་བྱེད་འདོད་མ་བྱུང༌། མདོར་བསྡུས་ན། རྒྱ་ནག་སྲིད་གཞུང་གི་ཆབ་སྲིད་ལག་ཆ་སྟེ་དོལ་རྒྱལ་ཚོགས་པའི་རྗེས་འབྲངས་པ་ཆེས་ ཉུང་ཤས་མ་གཏོགས། གཞིས་བྱེས་བོད་མི་ཡོངས་ཀྱིས་ྋགོང་ས་མཆོག་ལ་བློ་སྙིང་བྲང་གསུམ་གཏད་དེ་མང་ གཙོའི་འགྲོ་ལུགས་ལྟར་མང་མོས་ཀྱིས་མཛད་འགན་ཕུལ་ཡོད་ལ། ྋགོང་ས་མཆོག་གིས་ཀྱང“ བཙན་བྱོལ་བོད་མིའི་བཅའ་ཁྲིམས ”ཀྱི་ འབྲི་དོན་ལྟར་སྲིད་འཛིན་ནམ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་ཚུལ་ མཐུན་གྱིས་བཞེས་ཡོད་པས། ཡེ་རྡོར་མིང་ཅན་གྱིས་བཤད་པ་ལྟར་ྋགོང་ས་མཆོག་གི་ཐུགས་འདོད་ཀྱིས་བོད་མིའི་ཐོག“ སྲིད་དབང་སྒེར་གཅོད ”དང“ སྲིད་དབང་སྒེར་ གཅོད་ཀྱི་ཁྲིམས་གཞི ”བཟོས་ པ་ཞིག་གང་ཡང་མེད་ལ། གཞིས་བྱེས་བོད་མིར་མཚོན་ན། དོན་གྱིས་ཤ་ཚ་ཞིང་སྐུ་ཚེ་ཧྲིལ་བོར་བོད་དོན་སྒྲུབ་མཁན་ྋགོང་ས་མཆོག་ལས་ལྷག་པ་ མེད་པས་ཁོང་གིས་བོད་དོན་སྒྲུུབ་མི་ཆོག་ན། ཡེ་ རྡོར་ཕྱོགས་གཏོགས་ཅན་གྱིས་ཡ་ང་སྙིང་རྗེ་མེད་པས་བོད་མིར་གཅར་རྡུང་དང༌། དམར་གསོད། བཙོན་འཇུག་སོགས་བསམ་ཡུལ་འདས་པའི་མནར་གཅོད་གཏོང་མཁན་ཚོས་བོད་དོན་བསྒྲུབ་ རྒྱུ་ཡིན་ནམ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཞི་བདེའི་རླབས་ཆེན་འགོ་ཁྲིད་ ཅིག་ཡིན་པ་གང་ཞིག བོད་མིའི་བསོད་ནམས་དང་ལྷ་སྐལ་དུ་བསམ་བཞིན་བྱོན་པའི་བོད་ཁ་བ་གངས་ཅན་པའི་ཁོག་ པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་ཡིན་པས། ཁོང་གིས་བོད་དོན་བསྒྲུབ་རྒྱུ་ནི་བོད་མིའི་མཐར་ཐུག་གི་རེ་འདོད་རེད་ལ། ཡང་དག་པའི་མང་གཙོའི་ལམ་ལུགས་ཤིག་ཀྱང་ཡིན་ཞེས་ཡེ་རྡོར་མིང་ཅན་ལ་གསལ་བཤད་འདི་ དང་འབྲེལ་རྒྱལ་སྤྱིའི་སྟེང་རང་མཚང་རང་གིས་མ་སྟོན་རོགས་ཞེས་ཁ་ཏ་བྱ་རྒྱུ་ ཡིན།།

 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )
ཡེ་རྡོར་ མིང་ཅན་གྱི་འཁྱོག་བཤད་ལ་གསལ་བཤད།
ཁྲི་ཀ་མཁྱེན་རབ།